དུས་ཚོད་སྟོང་པ་བྱུང་ཚེ། ང་ཨ་མདོའི་འཐེན་ཐུག་སྐོལ་བར་དགའ།

1.jpg

༡)
དྲི་བ། ཉིན་གང་བོར་གློག་བརྙན་ཕབ་ལེན་བྱས་བའི་རྗེས་སུ། ཁྱེད་ཀྱིས་ཅི་ཞིག་ཟ་འདོད་དམ།
ལན། དེ་ང་ཚོ་གང་དུ་ཡོད་མེད་ལ་རག་ལས།

༢)
དྲི་བ། གློག་བརྙན་ཕབ་ལེན་བྱེད་དུས་ཟུར་དུ་ཟ་རྒྱུ་ཡོད་དམ།
ལན། ཡོད་ནི་རེད། སྤྱིར་བཏང་ནས་སྟབས་བདེའི་ཐུག་པ་ཟ་གི་རེད། ཚང་མ་ཀོ་ཁ་ཀོ་ལ་(Coca-Cola)འཐུང་རྒྱུར་དགའ། ད་དུང་གླང་དམར་(Red Ball)ཡང་འཐུང་གི་རེད། ང་ཚོས་བོད་ནང་དུ་གློག་བརྙན་ཕབ་ལེན་བྱེད་དུས། ང་ཚོས་ཤ་སྐམ་ཟུར་དུ་ཉར་གི་ཡོད།

༣)
དྲི་བ། དེང་སང་ཁྱོད་པེ་ཅིང་དུ་སྡོད་ཀྱི་ཡོད་པ་རེད། ཕྱིར་རང་གི་ཕ་ཡུལ་ཨ་མདོར་འགྲོ་དུས་ཁྱོད་ཀྱིས་ཐེངས་དང་པོར་ཟ་འདོད་པ་ཅི་ཞིག་རེད།
ལན། ཨ་མདོའི་འཐེན་ཐུག་རེད། ཤ་ཟ་བར་ཡང་དགའ། འོན་ཀྱང་། ངས་ཤ་མང་པོ་ཟ་ཆོག་གི་མ་རེད། ཡིན་ན་ཡང། ང་གཡག་ཤ་ལ་དམིགས་བསལ་གྱིས་དགའ།

༤)
དྲི་བ། ཁྱེད་རང་ནེའུ་ཡོག་ཏུ་ལོ་གཅིག་ལྷག་བསྡད་པའི་སྐབས་སུ། ཁྱེད་རང་དགའ་ཤོས་ཀྱི་་ཨ་རིའི་ཟ་མ་གང་དག་རེད།
ལན། ཚོད་མ་བཙིར་མ་(Burgers)དག་ཡག་པོ་འདུག མཚམས་རེར་ཕིས་རྫ(Pizza)ཡང་ཟ་གི་ཡོད།

༥)
དྲི་བ། ཟ་མ་དང་ཟ་འཐུང་གཏམ་རྒྱུད་གཙོ་བོ་ཡིན་པའི་གློག་བརྙན་མང་པོ་ཡོད་པ་རེད། ཁྱེད་རང་དམིགས་བསལ་གྱིས་དགའ་ས་དེ་འདྲ་ཡོད་དམ།
ལན། ངས་གློག་བརྙན་གྱི་མིང་དམིགས་བསལ་དྲན་གྱི་མི་འདུག ཡིན་ན་ཡང་། ཟ་འཐུང་གཏམ་རྒྱུད་བྱས་བའི་གློག་བརྙན་ལ་ང་དགའ་བོ་ཡོད། ལྷག་པར་དུ། ངས་སྔོན་ཆད་མཐོང་མ་མྱོང་བ་དེ་འདྲ་ཡིན་ཚེ། དེ་ལ་ངས་ལྷག་དུ་དོ་སྣང་བྱེད་ཀྱི་ཡོད།

༦)
དྲི་བ། དུས་རྟག་དུ་ཁྱོད་ཀྱི་འཁྱག་སྒམ་ནང་དུ་ཅི་ཞིགཡོད་དམ།
ལན། ཤ་ཉར་ཡོད།

༧)
དྲི་བ། ཁྱོད་ཀྱིས་ཟ་མ་བཟོ་གི་ཡོད་དམ།
ལན། མེད། ང་ལ་ཟ་མ་བཟོ་བའི་དུས་ཚོད་མི་འདུག ངས་མང་ཆེ་བ་ཕྱི་ལ་ཟ་གི་ཡོད། ཕལ་ཆེར་དགོང་མོ་རྟག་པར་ངས་མི་ཞིག་དང་མཉམ་དུ་དགོང་ཟས་ཟ་དགོས་ཐུག་གི་རེད།

༨)
དྲི་བ། གལ་སྲིད་ཁྱོད་ལ་དུས་ཚོད་བྱུང་བ་ཡིན་ན། ཁྱོད་ཀྱིས་ཟ་མ་ཅི་ཞིག་སྐོལ་ལམ།
ལན། ཨ་མདོའི་འཐེན་ཐུག་སྐོལ་གི་ཡོད། ང་ཟ་མ་ལས་སླ་བོའི་རིགས་ལ་དགའ་བོ་ཡོད། དཔེར་ན། རྩམ་པ་དང་གྲང་ཚལ་ལྟ་བུའི་རིགས། ང་ད་དུང་སོ་སོའི་བུ་ལ་མོག་མོག་བཟོ་བར་ཡང་དགའ།

བཅར་འདྲི་འདི་ཀུན་ཕན་ཐེབས་རྩ་ཚོགས་པའི་ངོ་དེབ་ནས་བླངས།།

དཔྱད་མཆན་ཡོད།