ཨ་སྒང་ཡར་རྒྱས་ཀྱི་གློག་བརྙན《བསོད་ལྷ》ཡི་སྟ་གོན་ཚུགས།

《ལམ་གྱི་རྨི་ལམ》གྱི་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ནས་ད་ལོར་བསྐྱར་དུ་འཁྲབ་ཁྲིད་བྱ་མུས་སུ་ཡོད་པའི་གློག་བརྙན《བསོད་ལྷ》ཞེས་པ་དེའི་ཕབ་སྐྲུན་གྲ་སྒྲིག་ཉེ་ཆར་ཡོངས་སུ་མགོ་བརྩམས་ཡོད་ཅིང་། ཟླ་བ་གཅིག་ལྷག་རིང་འཁྲབ་གཞུང་བཅོས་སྒྲིག་དང་ཕབ་སྐྲུན་འཆར་འགོད། ཆེད་ལས་ཀྱི་ཕབ་སྐྲུན་ཚོགས་པ་དཔུང་སྒྲིག་སོགས་ཀྱི་ལས་ཀ་མཇུག་རྫོགས་ནས། དེ་རིང་དངོས་སུ་ཕབ་ཡུལ་འཚོལ་ཞིབ་ཀྱི་བྱ་བ་བྲེལ་ཟིང་ཁྲོད་མགོ་བཙུགས་ཡོད། ཐེངས་འདིའི་གློག་བརྙན་གྱི་གཙོ་འཁྲབ་ནི་ཀྲུང་གོའི་ཟློས་གར་སློབ་གླིང་དང་པེ་ཅིན་གློག་བརྙན་སློབ་གླིང་།  པེ་ཅིན་ལུས་རྩལ་སློབ་གླིང་སོགས་ན་འཁྲབ་སྟོན་རྐྱང་འདེད་བྱེད་ཀྱིན་པའི་གངས་ཅན་ཚེ་རིང་དང་དབང་སྒྲོན་མཚོ།  འཇིགས་བྱེད་ཚེ་རིང་བཅས་བོད་ཀྱི་ཆེད་ལས་འཁྲབ་སྟོན་པ་སྐོར་ཞིག་ཡིན་ལ། ཐེངས་འདི་ནི་བོད་གྱི་གློག་བརྙན་ཆེད་ལས་ཀྱི་མི་རབས་གསར་བས་ལས་ཀ་མཉམ་ལས་ཀྱི་སྟ་གོན་ཞིག་ཀྱང་ཡིན་པས། ང་ཚོས་མཉམ་གཅིག་བོད་ཀྱི་གློག་བརྙན་ཆེད་ལས་པ་དག་ཀྱ་ཙེ་གོམ་ཙེའི་ཚུལ་ནར་སོན་ཡོང་བའི་ལོ་ཟླ་དག་མིག་གིས་འཚོའོ།།​

2.jpg

འཕབ་ཡུལ་འཚོལ་བའི་ལམ་བར་དུ།​

3.jpg
ཆར་ནང་དུ་གུང་ཟས་སྟབས་བདེ་ལ་རོལ་བ།​

3.jpg
འཚོལ་ཞིབ་ཁྲོད་དཔྱད་གཞིར་བླངས་པའི་འདྲ་པར།​

5.jpg
གཙོ་འཁྲབ་དབང་སྒྲོན་མཚོའི་སྟ་གོན་གྱི་ཟུར་ཞིག​

དཔྱད་མཆན་ཡོད།